Daily Prayers
Listen to audio
Sample Prayers
The Lord Jesus’ Prayer
Our Father, who is in heaven,
Holy is your name. (1 prostration)
Your kingdom come, your will be done
On earth as it is in heaven. (1 prostration)
Give us this day our daily bread.
And forgive us our debts, as we also have forgiven our debtors.
And do not lead us into temptation, but deliver us from evil.
For yours is the kingdom and the power and the glory forever. Amen. (1 prostration)
༼གཙོ་བོ་ཡེ་ཤུའི་སྨོན་ལམ།༽
ནམ་མཁར་བཞུགས་པའི་ངེད་ཀྱི་ཡབ།
ཁྱེད་མཚན་དམ་པར་སྲུང་བར་ཤོག ༼སྐུ་ཕྱག་འཚལ་རོགས།༽
ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག ཁྱེད་ཀྱི་དགོངས་པ་ནམ་མཁའ་ལ།
སྒྲུབ་ལྟར་ས་ལའང་སྒྲུབ་པར་ཤོག ༼སྐུ་ཕྱག་འཚལ་རོགས།༽
ངེད་ཀྱི་ཉིན་ཞག་རེའི་ཁ་ཟས། དེ་རིང་ཡང་ནི་གནང་བར་མཛོད།
ངེད་ཀྱིས་གཞན་ཉེས་སེལ་བ་ལྟར། ངེད་ཀྱི་སྡིག་བུན་སེལ་བར་མཛོད།
བསླུ་ཁྲིད་ནང་དུ་མ་ཚུད་པར། ངན་པ་ལས་ངེད་ཐར་བར་མཛོད།
རྒྱལ་སྲིད་དབང་དང་གཟི་བརྗིད་ཀུན། རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་འོ༎ ཨ་མེན༎ ༼སྐུ་ཕྱག་འཚལ་རོགས།༽
The Apostle’s Creed
(Christianity’s Summary Principles of Faith)
I believe in God, the Father Almighty,
maker of heaven and earth.
And in Jesus Christ, his only Son, our Lord,
who was conceived by the Holy Spirit,
born of the Virgin Mary,
suffered under Pontius Pilate,
was crucified, died and buried.
He descended into hell.
The third day he rose again from the dead.
He ascended into heaven
and sits at the right hand of God the Father Almighty.
From thence he will come to judge the living and the dead.
I believe in the Holy Ghost,
the holy Christian Church,
the communion of saints,
the forgiveness of sins,
the resurrection of the body,
and the life everlasting. Amen
Almighty Father, creator of the world, with all my mind and heart I put my faith in only you. (1 prostration)
The Father’s Son, our Savior Jesus, I follow after you. (1 prostration)
Holy Spirit God, I depend on you. (1 prostration)
༼སྐུ་ཚབ་རྣམས་ཀྱི་དམ་ཚིག༽
༼ཡེ་ཤུའི་ཆོས་ལུགས་ཀྱི་དད་པའི་རྩ་དོན་མདོར་བསྡུས།༽
ང་ནི་དཀོན་མཆོག་སྟེ་དབང་ཀུན་དང་ལྡན་པའི་ཡབ་ཆེན། འཇིག་རྟེན་ཁམས་ཀྱི་བཀོད་པ་པོ་ཁོང་ལ་དད་དོ།
ང་ནི་ཡེ་ཤུ་མ་ཤི་ཀ་སྟེ། དཀོན་མཆོག་གི་སྲས་གཅིག་པོ། ངེད་རྣམས་ཀྱི་གཙོ་བོ་ཡིན་པ། དམ་པའི་ཐུགས་ཉིད་ལས་ན་ཆུང་མ་མིར་ཡམ་གྱི་ལྷུམས་སུ་ཞུགས་ནས་འཁྲུངས་པ། ཕོན་ཏི་ཡུ་པི་ལ་ཏུའི་དབང་འོག་ཏུ་སྡུག་བསྔལ་མྱངས་པ། རྒྱངས་ཤིང་ལ་བརྐྱངས་པ། གྲོངས་ནས་དུར་དུ་བཅུག་པ། གཤིན་པོའི་གནས་ལ་བབས་པ། ཉིན་གསུམ་པར་སླར་སྐུ་གསོན་པོར་བཞེངས་པ། དཀོན་མཆོག་གི་ཞིང་ཁམས་སུ་འཕགས་ཤིང་། ད་ལྟ་བླ་ན་མེད་པའི་ཡབ་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་པ། ཕྱིས་མ་ཤི་གསོན་གཉིས་ཀར་ཁྲིམས་གཅོད་གནང་བར་ཕེབས་ངེས་པ་དེ་ལ་དད་དོ།།
ང་ནི་དམ་པའི་ཐུགས་ཉིད།།
ཕྱོགས་བཞི་ཀུན་དུ་ཡོད་པའི།།
ཡེ་ཤུའི་ཆོས་ཚོགས་དམ་པ།།
དད་ལྡན་རྣམས་ཀྱི་འགྲོགས་རོགས།།
ཉེས་སྡིག་དྲི་མ་ཀུན་སེལ།།
ཤི་ཡང་གསོན་པོར་ལང་བ།།
དཔག་ཏུ་མེད་པའི་མི་ཚེ།།
དེ་དག་ཀུན་ལ་དད་དོ།། ཨ་མེན༎
བླ་ན་མེད་པའི་ཡབ་ཆེན། འཇིག་རྟེན་ཁམས་ཀྱི་བཀོད་པོ། ངས་དཀོན་མཆོག་ཁྱེད་རང་གཅིག་པུ་ལ་བློ་གཅིག་སེམས་གཅིག་གིས་དད་པ་བྱེད་ཀྱི་ཡོད། ༼སྐུ་ཕྱག་འཚལ་རོགས།༽
དཀོན་མཆོག་གི་སྲས་ང་ཚོའི་སྐྱབས་མགོན་ཡེ་ཤུ་མ་ཤི་ཀ་ལ་རྗེས་སུ་འབྲང་གི་ཡོད། ༼སྐུ་ཕྱག་འཚལ་རོགས།༽
དམ་པའི་ཐུགས་ཉིད་དཀོན་མཆོག་ལ་བློ་གཏད་བཅོལ་གྱི་ཡོད། ༼སྐུ་ཕྱག་འཚལ་རོགས།༽
God’s Ten Commandments
With all my strength, I will keep the 10 commandments.
- I will have faith in no other gods other than you, God.
- I will not bow down or worship various idols or the image of any being that is above, below, or in between.
- God, I will not use your name in vain.
- I will work for 6 days of the week but will keep the rest day pure and holy.
- I will honor both my parents.
- I will not murder.
- I will not commit adultery.
- I will not steal.
- I will not be a dishonest witness against others.
- Also, I will not crave another’s house, spouse, male servant, female servant, cattle… or any possession.
God of all power, help me to obey your commandments. (1 prostration)
༼དཀོན་མཆོག་གི་བཀའ་ཁྲིམས་བཅུ།༽
ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་ཀྱིས་བཀའ་ཁྲིམས་བཅུ་པོ་དེ་ཚོ་སྲུང་གི་ཡིན།
- ངས་དཀོན་མཆོག་ཁྱེད་རང་མ་གཏོགས་གཞན་སུ་ལའང་དད་པ་བྱེད་ཀྱི་མིན།
- ངས་ལྷ་སྐུ་སྣ་ཚོགས་དང་སྟེང་འོག་བར་གསུམ་ལ་ཡོད་པའི་སེམས་ཅན་གྱི་གཟུགས་བརྙན་གང་ལའང་ཕྱག་འཚལ་དང་མཆོད་པ་དབུལ་གྱི་མིན།
- ངས་དཀོན་མཆོག་ཁྱེད་རང་གི་མཚན་དོན་མེད་དུ་བེད་སྤྱོད་བྱེད་ཀྱི་མིན།
- ང་ཚོ་ཚང་མས་གཟའ་ཁོར་གཅིག་ནང་གི་ཉིན་དྲུག་པོར་ལས་ཀ་བྱེད་པ་ལས་ངལ་གསོའི་ཉིན་མོ་དེ་གཙང་མ་དང་དམ་པར་སྲུང་གི་ཡིན།
- ངས་རང་གི་ཕ་མ་གཉིས་ལ་གུས་ཞབས་བྱེད་ཀྱི་ཡིན།
- མི་གསོད་ཀྱི་མིན།
- ལོག་གཡེམ་བྱེད་ཀྱི་མིན།
- རྐུ་མ་བརྐུ་གི་མིན།
- མི་གཞན་ལ་སྐྱག་རྫུན་གྱི་དཔང་པོ་བྱེད་ཀྱི་མིན།
- ད་དུང་མི་གཞན་གྱི་ཁང་པ་དང་། ཆུང་མ། གཡོག་པོ། གཡོག་མོ། བ་གླང་ལ་སོགས་པ་ཐམས་ཅད་ལ་ཧམ་སེམས་བྱེད་ཀྱི་མིན།
དབང་ཀུན་དང་ལྡན་པའི་དཀོན་མཆོག། ཁྱེད་ཀྱི་བཀའ་རྣམས་སྲུང་ཐུབ་རྒྱུར་ཕྱག་རོགས་གནང་དང།
༼སྐུ་ཕྱག་འཚལ་རོགས།༽
Eternal Life – John 11:25-26
Jesus said,
“I am the resurrection and the life; he who believes in Me will live even if he dies, and everyone who lives and believes in Me will never die.”
Lord Jesus Christ, thank you for giving us eternal life. (1 prostration)
༼དཔག་ཏུ་མེད་པའི་ཚེ། ཡོ་ཧ་ནན་ 11:25-26༽
ཡེ་ཤུས་གསུང་པ་ལྟར།
“སླར་གསོན་པ་དང་དཔག་ཏུ་མེད་པའི་ཚེ་ནི་ངའོ། སུ་ཡང་ང་ལ་དད་པ་བྱེད་མཁན་དེ་ཤི་ཡང་གསོན་པར་འགྱུར་ལ། སུ་ཡང་ང་ལ་བརྟེན་ནས་གསོན་ཅིང་ང་ལ་དད་པ་བྱེད་མཁན་དེ་འཆི་མི་སྲིད།”
གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལགས། ཁྱེད་རང་གིས་ང་ཚོར་དཔག་ཏུ་མེད་པའི་ཚེ་གནང་བ་ལ་ཐུགས་རྗེ་ཆེ།
༼སྐུ་ཕྱག་འཚལ་རོགས།༽
The Giving of Peace – John 14:27
Jesus said,
“Peace I leave with you; My peace I give to you; not as the world gives do I give to you. Do not let your heart be troubled, nor let it be fearful.”
Lord Jesus Christ, thank you for giving [us] peace. (1 prostration)
༼ཞི་བདེ་གནང་བ། ཡོ་ཧ་ནན་ 14:27༽
ཡེ་ཤུས་གསུང་པ་ལྟར།
“ངས་ཁྱེད་ཚོ་ཞི་བདེ་གནས་པར་བྱེད། ངའི་ཞི་བདེ་ཁྱེད་ཚོར་སྦྱིན། ངས་ཞི་བདེ་སྦྱིན་ཚུལ་ནི་འཇིག་རྟེན་གྱིས་ཞི་བདེ་སྟེར་ཚུལ་དང་མི་འདྲ་བས། ཁྱེད་ཚོའི་སེམས་མ་འཁྲུགས་ཤིང་མ་འཇིགས་ཤིག”
གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལགས། ཁྱེད་རང་གིས་གནང་བའི་ཞི་བདེ་ལ་ཐུགས་རྗེ་ཆེ། ༼སྐུ་ཕྱག་འཚལ་རོགས།༽
Empowerment – Acts 1:8
Jesus said,
“But you will receive power when the Holy Spirit has come upon you; and you shall be My witnesses both in Jerusalem, and in all Judea and Samaria, and even to the remotest part of the earth.”
Lord Jesus Christ, thank you for giving [us] power. (1 prostration)
༼ནུས་མཐུ་གནང་བ། སྐུ་ཚབ་རྣམས་ཀྱི་མཛད་པ་ 1:8 ༽
ཡེ་ཤུས་གསུང་པ་ལྟར།
“ཡང་དམ་པའི་ཐུགས་ཉིད་ཁྱེད་རྣམས་ལ་འབབ་པའི་ཚེ་ཁྱིད་ཚོར་ནུས་མཐུ་འཐོབ་པས། ཡེ༷་རུ་ཤ་ལེམ་དང། ཡ༷་ཧུ་དཱ་ཡུལ་ཡོངས། ས༷་མར་ཡཱ་ཡུལ། ས་གཞི་མཐའ་མའི་བར་དུ་ངའི་དཔང་པོ་ཡིན་པར་འགྱུར།”
ཡེ་ཤུ་མཱ་ཤི་ཀ་ལགས། ཁྱེད་ཀྱི་ནུས་མཐུ་གནང་བ་དེ་ལ་ཐུགས་རྗེ་ཆེ། ༼སྐུ་ཕྱག་འཚལ་རོགས།༽
Concluding Prayer
God, according to your will, please reveal to me what I should do today. I am listening.
(Listen for a short time.)
Jesus Christ, son of God, have mercy on me a sinner. (1 prostration)
Jesus Christ, son of God, have mercy on me a sinner. (1 prostration)
Jesus Christ, son of God, have mercy on me a sinner. (1 prostration)
༼མཐའ་མཇུག་གི་སྨོན་ལམ།༽
དཀོན་མཆོག་ཁྱེད་རང་གི་དགོངས་པ་ལྟར་དེ་རིང་ང་གང་བྱེད་དགོས་མིན་སྟོན་གནང་རོགས། ད་ལྟ་ང་ཉན་གྱི་ཡོད། ༼དུས་ཚོད་ཏོག་ཙམ་ཞིག་གསན་རོགས།༽
དཀོན་མཆོག་གི་སྲས་ཡེ་ཤུ་མ་ཤི་ཀ་ལགས། སྡིག་ཅན་བདག་ལ་ཐུགས་རྗེས་གཟིགས་རོགས། ༼སྐུ་ཕྱག་འཚལ་རོགས།༽
དཀོན་མཆོག་གི་སྲས་ཡེ་ཤུ་མ་ཤི་ཀ་ལགས། སྡིག་ཅན་བདག་ལ་ཐུགས་རྗེས་གཟིགས་རོགས། ༼སྐུ་ཕྱག་འཚལ་རོགས།༽
དཀོན་མཆོག་གི་སྲས་ཡེ་ཤུ་མ་ཤི་ཀ་ལགས། སྡིག་ཅན་བདག་ལ་ཐུགས་རྗེས་གཟིགས་རོགས། ༼སྐུ་ཕྱག་འཚལ་རོགས།༽